དེ་རིང་སྤྱི་ལོ་༢༠༢༦ ཟླ་བ་༡༡ ཚེས་པ་༠༤ བོད་རྒྱལ་ལོ་༢༡༥༣བོད་ཟླ་༠༩ པའི་ཚེས་༢༥ རེས་གཟའ་ལྷག་པའི་མཁའ་འགྲོའི་དུས་ཁྱད་པར་ཅན་དུ། འདི་ག་སྔ་འགྱུར་རྙིང་མ་དཔལ་ཡུལ་ཨོ་རྒྱན་རྡོ་རྗེ་ཆོས་གླིང་དགོན་དུ། དགོན་འདིའི་བསྟན་བདག་མཁན་རིན་པོ་ཆེ་སངས་རྒྱས་རང་བྱུང་གཙོས་པའི་དགེ་འདུན་མི་མང་གིས་སེར་སྦྲེངས་དང་གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱིས་སྣེ་དྲངས་ཏེ་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གདན་འདྲེན་བསུ་ཞིང་མཎྜལ་འདེགས་འབུལ་ཞུས་པ་དང་། དགེ་འདུན་མི་མང་ལ་མཇལ་ཁ་གནང་ཞིང་། ཀློང་ཆེན་སྙིང་གི་ཐིག་ལེ་ལས་ཡུམ་ཀ་མཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་གི་ཆོ་གས་ཚོགས་མཆོད་རྒྱ་ཆེར་གཏོང་གནང་བའི་བརྙན་པར།
On November 4, 2026 (Wednesday), the 25th day of the ninth month of the Tibetan Royal Year 2153, on this auspicious Dakini Day, a grand religious welcome ceremony was held at Nyingma Palyul Urgen Dorjee Chholing Monastery.
Led by the monastery’s lineage holder, H.E. Khenrinpoche Sange Rangjung Rinpoche, together with the monastic community and local devotees, the Venerable Kyabje Rigo Tulku Rinpoche was ceremoniously welcomed to the monastery with a traditional procession accompanied by monks, ceremonial parasols, victory banners, and other auspicious offerings.
Upon arrival, a traditional Mandala offering was presented to Rinpoche, who graciously bestowed blessings and an audience upon the assembled Sangha and devotees.
Thereafter, an elaborate Tsok offering ceremony was performed according to the Dechen Paltreng practice, the principal sadhana of Yumka Tsogyal Dechen Gyalmo, from the profound Longchen Nyingtik tradition.
May the blessings of this auspicious Dakini Day bring peace, happiness, and the flourishing of the precious Dharma!














