དེ་རིང་སྤྱི་ལོ་༢༠༢༦ ཟླ་བ་༡༠ པའི་ཚེས་༢༩ བོད་རྒྱལ་ལོ་༢༡༥༣ བོད་ཟླ་༩ པའི་ཚེས་༡༨ རེས་གཟའ་ལྷག་པའི་ཉིན་སྔ་འགྱུར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་མཆོག་འདི་ག་སྔ་འགྱུར་རྙིང་མ་དཔལ་ཡུལ་ཨོ་རྒྱན་རྡོ་རྗེ་ཆོས་གླིང་དུ། དགོན་འདིའི་བསྟན་བདག་མཁན་རིན་པོ་ཆེ་སངས་རྒྱས་རང་བྱུང་གཙོས་པའི་དགེ་འདུན་གྱི་སེར་སྦྲེངས་གདུགས་བ་དན་སྤོས་དང་། དད་ལྡན་མི་དམངས་ཀྱིས་གདན་འདྲེན་ཞུས་པ།
Today, Wednesday, October 29, 2026, corresponding to the 18th day of the 9th Tibetan lunar month in the Tibetan Year 2153, His Eminence Kyabje Khenchen Tsewang Gyatso Rinpoche, the illustrious master illuminating the teachings of the Nyingma tradition, was ceremoniously welcomed to Nyingma Palyul Urgen Dorjee Chholing Monastery.
The grand reception was led by the monastery’s abbot and spiritual head, Khenrinpoche Sange Rangjung Rinpoche, together with the monastic Sangha, who welcomed His Eminence with a traditional procession featuring ceremonial parasols, victory banners, and incense, accompanied by devoted members of the local community.









